རྒྱལ་སྤྱིིའི་གསར་འགོད་རང་དབང་ཉིན་མོ་དང་བསྟུན་ཚེས་༣ ཉིན་བོད་ཀྱི་གསར་འགོད་མཐུན་ཚོགས་ཀྱིས་ཉིན་མོ་འདི་སྲུང་བརྩི་གནང་བ་དང་སྦྲགས་ཚོགས་གཙོ་སྐལ་བཟང་སྦྱིན་པས་བོད་ནང་གི་གསར་འགོད་པ་མང་དག་ཅིག་བོད་ཕྱི་ནང་གཉིས་སུ་དམར་ཤོག་ཚོགས་པའི་ཆབ་སྲིད་དྲིལ་བསྒྲགས་བྱེད་མཁན་གྱི་ལག་ཆར་བཀོལ་སྤྱོད་བྱེད་བཞིན་པའི་སྐྱོན་བརྗོད་བྱས་འདུག
ཡུ་རོབ་ཀྱི་རྒྱལ་ཁབ་ལྔ་ཙམ་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་པའི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཧྥ་རན་སིའི་སྲིད་འཛིན་དང་མཇལ་འཕྲད་ཞུས་པའི་རྗེས་ཨི་ཌི་ལི་ནང་ཕེབས་ནས་ས་གནས་བོད་མིར་གལ་ཆེའི་གསུང་བཤད་གནང་ཡོད་པའི་སྐོར་གྱི་གནས་ཚུལ་ཞིག་རྒྱལ་མཚན་ཚེ་རིང་ལགས་ཀྱིས་སྒྲོན་གནང་གི་རེད།
བོད་ཀྱི་སྐད་ཡིག་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་ཆེད་རྒྱ་བལ་འབྲུག་གསུམ་ནས་བོད་སྐད་ཡིག་དགེ་རྒན་དང་། ཡིག་བསྒྱུར་བ། དམིགས་བསལ་བོད་སྐད་དོན་གཉེར་བ་སོགས་ཚོགས་བཅར་བ་ཉི་ཤུ་རྩ་བཞི་ལྷན་འཛོམས་ཀྱིས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་ཞེས་ཚོགས་འདུ་ཞིག་ཕྱི་ཟླ་ ༥ ཚེས་ ༢ ནས་དབུ་འཛུགས་གནང་སོང་།
བོད་ནང་མིས་བཟོས་པའི་དབྱར་རྩྭ་དགུན་འབུ་ཁྲོམ་རར་ཐོན་ཏེ་རི་སྐྱེས་དབྱར་རྩྭ་དགུན་འབུའི་རིན་ཐང་དང་འབྲོག་པའི་འཚོ་བར་དོ་ཕོག་ཆེན་པོ་བྱུང་བཞིན་ཡོད་པའི་སྐོར།
བཞུགས་སྒར་རྡ་རམ་ས་ལའི་ཉེ་འཁྲིས་སུ་ཆགས་པའི་ས་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་སྤྱི་ཟླ་༤ ཚེས་ ༣༠ ཉིན་རིགས་སློབ་མ་ལག་གཉིས་ཀྱི་བསླབ་པ་མཐར་སོན་གྱི་མཛད་སྒོ་དེ་མཐོ་སློབ་ཀྱི་ཚོགས་ཁང་དུ་ཚོགས་གནང་སོང་བ་དང་། སྐབས་དེར་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་བཀའ་སློབ་སྩལ་གནང་སོང་།
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ཧྥ་རན་སིའི་སྲིད་འཛིན་དང་མཇལ་འཕྲད་གནང་ཡོད་པ་དེ་བཞིན་བོད་མིའི་རྩ་དོན་འཐབ་རྩོད་ཐད་ལ་ཁྱད་པར་ཆེན་པོ་ཞིག་དང་། དམིགས་བསལ་རྒྱ་ནག་གཞུང་ལ་བརྡ་ལན་ངེས་ཅན་ཞིག་འགྲོ་རྒྱུ་ཡིན་པ་སོགས་བཞུགས་སྒར་དུ་རྟེན་གཞི་བྱས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་བརྗོད་ཡོད།
ཧྥ་རན་སིའི་སྲིད་འཛིན་སྐུ་ཞབས་Emmanuel Macron མཆོག་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་རྣམ་གཉིས་ཧྥ་རན་སིའི་རྒྱལ་ས་རུ་མཇལ་འཕྲད་བྱུང་ཡོད་པའི་ཧྥ་རན་སི་ནས་འདི་གའི་གསར་འགོད་པ་རྡོ་རྗེ་བཀྲ་ཤིས་ལགས་ཀྱིས་གནས་ཚུལ་ངོ་སྤྲོད་ཞུས་ཡོད།
ཧྥ་རན་སིའི་སྲིད་འཛིན་སྐུ་ཞབས་ཨེ་མ་ནུའི་མེ་ཁོ་རོན་མཆོག་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་རྣམ་གཉིས་སྲིད་འཛིན་ཕོ་བྲང་དུ་མཇལ་འཕྲད་བྱུང་ཡོད་པའི་ཧྥ་རན་སིའི་ནས་འདི་གའི་གསར་འགོད་པ་རྡོ་རྗེ་བཀྲ་ཤིས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་སྙན་སྒྲོན་གནང་གི་རེད།
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ནས་སུད་སིར་བཅའ་བཞུགས་བོད་མི་རྣམས་ལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་ངོ་སྤྲོད་དང་འབྱུང་འགྱུར་ལས་དོན་གནང་ཕྱོགས་ཐད་བཀའ་སློབ་དང་ཆབས་ཅིག་མི་མང་ནས་གནང་བའི་དྲི་བར་ལན་འདེབས་གནང་སོང་། དེ་བཞིན་སུད་སིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་བ་རྣམས་ལའང་མཇལ་འཕྲད་གནང་།
ས་རཱ་མཐོ་སློབ་ནས་རིག་གནས་རབ་འབྱམས་པའི་སློབ་མ་འདི་ལོ་མང་ཤོས་ཐོན་ཡོད་པའི་མཛད་སྒོ་ཚེས་༣༠ ཉིན་ཚོགས་ནས་སྐུ་མགྲོན་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་ད་ལྟའི་གཞོན་སྐྱེས་རྣམས་ཀྱིས་སྲོལ་རྒྱུན་ཆོས་དང་རིག་གཞུང་རྒྱུན་འཛིན་དར་སྤེལ་ཇི་ལྟར་དགོས་བྱེད་ཚུལ་དང་འབྲེལ་བའི་སྐོར་ལ་བཀའ་སློབ་སྩལ་གནང་ཡོད་པའི་སྐོར།
ཕྱི་ཟླ་ ༤ ཚེས་ ༣༠ ཉིན་དེ་བོད་ཀྱི་ཡིག་གཟུགས་དུས་ཆེན་དུ་གཏན་འཁེལ་བྱས་ཏེ། བོད་ཕྱི་ནང་ཀུན་ནས་ཉིན་མོ་འདིར་བོད་ཀྱི་ཡིག་གཟུགས་ངོ་སྤྲོད་དང་བརྒྱུད་སྤེལ། ཡིག་གཟུགས་སྦྱོང་སྤྱོད་ཀུན་སློང་སོགས་ཀྱི་ཐོག་ནས་ལས་འགུལ་སྣ་མང་ཞིག་སྤེལ་བཞིན་ཡོད་པའི་སྐོར་གསར་འགོད་འཇམ་དབྱངས་རྒྱ་མཚོ་ལགས་ཀྱིས་བཞུགས་སྒར་ནས་བཏང་པའི་གནས་ཚུལ་ཞིག
༄༅། འཇར་མི་ཎིའི་གྲོས་ཚོགས་འཐུས་མི་ཞིག་གི་ལས་བྱེད་ཡིན་པ་བོད་མི་དང་ཡང་འབྲེལ་བ་ཡོད་མཁན་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཡིན་ལུགས་བརྗོད་མཁན་ཞིག་ལ་རྒྱ་ནག་ཆེད་གསང་བའི་མྱུལ་ཞིབ་བྱས་པའི་དོགས་གཞིའི་འོག་འཇར་མི་ཎིར་འཛིན་བཟུང་བྱུང་ཡོད་པའི་སྐོར་པདྨ་བདེ་ཆེན་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།
མང་སྣོན།
No live streaming currently available
༢༠༢༣ ལོ་ནི་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ལས་གཞི་འགོ་ཚུགས་ནས་ལོ་༡༠ འཁོར་བའི་དུས་སྟོན་ཡིན། ལས་གཞི་དེ་ཞི་ཅིན་ཕིང་གིས་སྤེལ། ཨ་སྒོར་དུང་ཕྱུར་བཅུ་ཕྲག་མང་པོའི་འགྲོ་གྲོན་བཏང་ནས་འཛམ་གླིང་གང་སར་གཞི་རྩའི་འཛུགས་སྐྲུན་གྱི་ལས་གཞི་བརྩམས། འགོ་བརྩམས་པའི་ཚུན་ཆད་དུ་ཞི་ཡིས་རྒྱུད་གཅིག་ལམ་གཅིག་གི་དམིགས་ཡུལ་རྒྱ་བསྐྱེད་དེ་འཕྲོད་བསྟེན་ལྟ་སྐྱོང་དང་། ཤེས་རིག་སློབ་གསོ། ཚན་རྩལ་བཅས་སུ་ཁྱབ་ཡོད།