༢༠༡༠ ལོར་རྒྱ་ནག་གི་གསར་འགོད་པ་སུའུ་ཡུས་ཐོང་ལགས་པེ་ཅིང་ནས་འཇར་མན་གྱི་རྒྱལ་ས་བྷེར་ལིན་ལ་བྲོས་ཤིང་། འཇར་མན་ལ་བྲོས་བྱོལ་དུ་འབྱོར་རྗེས་བདེ་འཇགས་ཡིན་ངེས་སྙམ་ཡང་། རྒྱ་གཞུང་གིས་མུ་མཐུད་ནས་ཁོང་མོར་བསུན་བཙེར་བྱེད་ཀྱི་ཡོད་པའི་སྐོར་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུས་ཡོད།
༢༠༢༣ ལོ་ནི་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ལས་གཞི་འགོ་ཚུགས་ནས་ལོ་༡༠ འཁོར་བའི་དུས་སྟོན་ཡིན། ལས་གཞི་དེ་ཞི་ཅིན་ཕིང་གིས་སྤེལ། ཨ་སྒོར་དུང་ཕྱུར་བཅུ་ཕྲག་མང་པོའི་འགྲོ་གྲོན་བཏང་ནས་འཛམ་གླིང་གང་སར་གཞི་རྩའི་འཛུགས་སྐྲུན་གྱི་ལས་གཞི་བརྩམས། འགོ་བརྩམས་པའི་ཚུན་ཆད་དུ་ཞི་ཡིས་རྒྱུད་གཅིག་ལམ་གཅིག་གི་དམིགས་ཡུལ་རྒྱ་བསྐྱེད་དེ་འཕྲོད་བསྟེན་ལྟ་སྐྱོང་དང་། ཤེས་རིག་སློབ་གསོ། ཚན་རྩལ་བཅས་སུ་ཁྱབ་ཡོད།